༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཏཱ་ལའི་བླ་མ་མཆོག་ནས་གསུང་ཆོས་དང་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ

ཐད་ཀར་རྒྱང་སྲིང་།

༧གོང་ས་མཆོག་གིས་བསྩལ་རྒྱུའི་གསུང་ཆོས་དང་མི་མང་ལ་བཀའ་སློབ་རྣམས་དྲ་རྒྱ་བརྒྱུད་ཐད་ཀར་རྒྱང་སྲིང་བྱེད་ཀྱི་ཡོད། གནས་ཚུལ་ཞིབ་ཕྲ་ཕྱི་ཟླ་དང་པོའི་ཟླ་མཇུག་ལ་དྲ་ཚིགས་སུ་འགོད་རྒྱུ་ཡིན།

བདེ་སྲུང་ལམ་སྟོན།

ཐེངས་འདིའི་ལས་དོན་རྣམས་ཚགས་ཚུད་ཡོང་ཆེད་བདེ་སྲུང་ཐད་ཀྱི་ལམ་སྟོན་ཁག་མི་མང་གིས་ངེས་པར་དུ་བརྩི་སྲུང་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

གསུང་ཆོས་དང་མང་ཚོགས་བཀའ་སློབ་ཀྱི་ལག་ཁྱེར།

ལག་ཁྱེར།

༢༠༡༥  ཕྱི་ཟླ་  ༢ ཚེས་ ༨ ཉིན་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྱིས་སུད་སི་གྲོང་ཁྱེར་སྦ་སལ་དུ་བཀའ་དབང་དང་གསུང་ཆོས་བཀྲིན་ཆེ་སྐབས་ཀྱི་ཕྱག་ཁྱེར་ཆ་ཚང་སྤུས་འཚོང་ཟིན།

སྐུ་ཉིད་ནས་ལག་ཁྱེར་ཉོ་སྐབས་ང་ཚོའི་སྒྲིག་གཞི་ངེས་པར་དུ་བརྩི་བཀུར་ཞུ་རོགས།

གསུང་ཆོས་སྐོར་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་ལ་བཅར་འདྲི་ཞུས་པ།

ཞལ་འདེབས།

སྐུ་ཉིད་ནས་དུས་སྟོན་འདིའི་ཆེད་ཞལ་འདེབས་གནང་རྒྱུའི་གོ་སྐབས་ཀྱང་ཡོད། སྐུ་ཉིད་ནས་ཞལ་འདེབས་བྱུང་བའི་མ་དངུལ་ནས་དགེ་འདུན་པ་དང་བཙུན་མ། བོད་མི་ལག་ཁྱེར་ཨེན་ཅན་ལ་ལག་ཁྱེར་རིན་མེད་འབུལ་རྒྱུ། དྲ་ཐག་འདིར་གནན་ནས་རང་མོས་ཞལ་འདེབས་འབུལ་ཆོག་པ་ཡིན།

མཛད་རིམ།

 སུད་སི་དང་ལིཀ་ཏེན་སིཌཡན་བོད་རིགས་མི་མང་ནས་གསོལ་འདེབས་ཞུས་པ་ལྟར་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ དང་ཚེས་ ༨ ཉིན་གཉིས་རིང་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཏཱ་ལའི་བླ་མ་མཆོག་ནས་གསུང་ཆོས་དང་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཞལ་བཞེས་ཐོབ་ཡོད།

མཛད་རིམ་རྒྱས་པ་གཤམ་དུ་གཟིགས།

རེས་གཟའ་པ་སངས་ ༢༠༡༥ ཟླ་ ༢ ཚེས་ ༦ ཉིན།

རེས་གཟའ་པ་སངས་ཉིན་རྒྱབ་ཆུ་ཚོད་དང་པོ་ནས་ཚོགས་ཁང་གཉིས་པའི་ ནང་དུ་བོད་རིགས་ཀྱི་ཁྲོམ་རྭ་བདུན་བཅུ་སྐོར་སྒོ་འབྱེད་བྱ་རྒྱུ་དང་། རྣམ་པ་ཚོ་གསུང་ཆོས་ཚོགས་ཁང་དུ་འཛུལ་ཞུགས་ལག་ཁྱེར་ཁག་དེ་ཉིན་ཕྱི་དྲོ་ལག་པའི་མཁྲིག་ཚིགས་སུ་འདོགས་རྟགས་དང་བརྗེ་ལེན་བྱེད་ཐུབ་ཐབས་གནང་རོགས། དེ་ལྟར་བྱུང་ན་ཚོགས་ཁང་དུ་འཛུལ་སྐབས་ཡུན་རིང་སྒུག་མི་དགོས་པ་ཡོང་རྒྱུ་དེ་དོན་དགོངས་འཇགས་འཚལ།།

རེས་གཟའ་སྤེན་པ་ ༢༠༡༥ ཟླ་ ༢ ཚེས་ ༧ ཉིན།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་དང་བཀའ་གདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ།
རྒྱས་པར་གཟིགས་

རེས་གཟའ་ཉིན་མ་ ༢༠༡༥ ཟླ་ ༢ ཚེས་ ༨ ཉིན།

འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དང་དེང་གི་ཆོས་ལུགས་རིས་མེད་ཀྱི་འཇིག་རྟེན་ཟོག་བཀའ་སློབ།

རྒྱས་པར་གཟིགས་

དགོང་དྲོའི་མཛད་རིམ།

ཉིན་ལྟར་གསུང་ཆོས་གྲུབ་པའི་རྗེས་ས་གནས་དེ་གར་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་ཞུས་པའི་དགོང་དྲོའི་མཛད་རིམ་ཁག་ལ་ཁྱེད་རྣམས་མཉམ་ཞུགས་ཆོག་པ་ཡིན།

 

གསུངས་ཆོས་ཞུ་བར་ཕེབས་མཁན་རྣམས་ཀྱིས་ཐུགས་སྣང་གནང་ཡུལ་གལ་ཆེན་ཞིག་ནི།  ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ དང ༨  ཉིན། Basel–Olten ་བར་གྱི་མེ་འཁོར་ལྕགས་ལམ་བཟོ་བཅོས་བྱེད་བཞིན་པའི་དབང་གིས་མེ་འཁོར་རྒྱུན་ལྡན་ལྟར་ཐད་གར་གཏོང་གིན་མེད་པས། རྣམ་པ་ཚོས་ཉིན་དེའི་ www.sbb.ch/hauenstein དྲ་ཚིགས་ཀྱི་འགྲིམ་འགྲུལ་དུས་ཚོད་ལས་རིམ་ཁག་ལ་ངེས་པར་གཟིགས་རྟོགས་གནང་གལ་ཆེ